当前位置:首页甘南贴吧综合信息 མདོ་སྨད་ཕྱོགས་ཀྱི་གནས་ཚུལ་སྐོར་བཤད་པ། 卓尼土司杨积庆

[综合信息]མདོ་སྨད་ཕྱོགས་ཀྱི་གནས་ཚུལ་སྐོར་བཤད་པ། 卓尼土司杨积庆精华置顶

人气:12646 回复:0 赞(0)
འོད་ཐིག
初级1
版主
  • 帖子:2
  • 精华:0
  • 注册:2017-06-15

མདོ་སྨད་ཕྱོགས་ཀྱི་གནས་ཚུལ་སྐོར་བཤད་པ།

དེ་ཡང་སྔོན་གླེང་ཟིན་པ་ལྟར་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་རབས་མཇུག་རྫོགས་རྗེས་མདོ་སྨད་ཀྱི་ཡུལ་འདིའང་བཙན་པོའི་གདུང་རྒྱུད་ལས་བྱོན་པའི་རྒྱལ་སྲས་ཁྲི་ལྡེའི་རྒྱུད་པ་རིམ་བྱོན་གྱིས། དེང་གི་མཚོ་སྔོན་ཟི་ལིང་ཕྱོགས་འདིར་གནས་གཞི་བཟུང་སྟེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་དུ་གྲགས་པས་གཙོས་མདོ་སྨད་ཡུལ་གྲུ་ཕལ་ཆེ་བར་མངའ་དབང་བསྒྱུར་བ་ཡིན་ལ། དེའི་རྒྱུད་པ་དུས་ཕྱིས་བར་སྤྱན་སྔ་དོན་ཆེན་པ་སོགས་བྱུང་ཞེསམདོ་སྨད་ཆོས་འབྱུང་སོགས་སུ་འབྱུང་བ་ལྟར་དང་། དེ་དག་སུང་རྒྱལ་རབས་དང་འབྲེལ་བ་དམ་པས་སུང་རྒྱལ་གྱིས་རང་གི་རུས་ཀྲའོ་(赵)བྱ་བ་གནང་སྟེ་ཕྱིས་ཀྱི་མི་རྒྱུད་དག་གི་མིང་རུས་ལ་ཀྲའོ་ཞེས་ཐོགས་པའི་བོད་རིགས་མང་པོ་བྱུང་བ་ཡིན། རྗེས་སུ་དཔལ་ལྡན་ས་སྐྱ་བས་ཧོར་གོང་མའི་སྟོབས་ཤུགས་ལ་བརྟེན་ནས་བོད་ཁམས་སླར་ཡང་གཅིག་གྱུར་བྱས་པ་དང་བསྟུན། མདོ་སྨད་ཀྱི་ཡུལ་ཁམས་འདི་ནི་ས་སྐྱ་བའི་མངའ་ཁོངས་ཆོལ་ཁ་གསུམ་དུ་བགོས་པའི་ནང་ཚན་མདོ་སྨད་རྟའི་ཆོལ་ཁ་ཞེས་གྲགས་ཤིང་། འགྲོ་མགོན་འཕགས་པ་མཆོག་གིས་སྐུ་དངོས་སུ་གཟིགས་སྐྱོང་མཛད་དེ་དགོན་སྡེ་གསར་འདེབས་དང་ས་གནས་དཔོན་རིགས་བསྐོ་བཞག་གནང་བ་སོགས་ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེ་བ་སྤེལ་བར་བརྟེན། མདོ་སྨད་ཕྱོགས་ལ་ས་སྐྱོང་ངམ་ཡུལ་དཔོན་ཏེ་རྒྱ་སྐད་དུ་ཐོའུ་ཟི་(土司)བྱ་བའི་བོད་རིགས་རང་གི་སྡེ་དཔོན་དྲག་ཞན་དང་དཔོན་ཆེ་ཕྲ་མང་བོ་བྱུང་བར་མ་ཟད། ཡོན་གོང་མས་ཧོར་གོ་དན་བྱ་བ་བྱང་མཐའི་རྒྱལ་པོར་བསྐོས་པ་དང་། ཕྱིས་སུ་དེའི་རྒྱུད་པ་དང་བློན་པོ་དག་གི་རྒྱུད་ལས་བྱུང་བའི་སོག་རིགས་ཀྱི་ས་གནས་དཔོན་ཕྲན་མང་པོའང་མཚོ་སྔོན་དང་དཔའ་རིས་ཕྱོགས་སུ་ཡོད་པ་དུས་ཕྱིས་བར་རྒྱུད་པ་ངོས་འཛིན་རྒྱུ་འདུག་ལ། ཡང་བོད་རིགས་རང་གི་ཡུལ་དཔོན་དེ་དག་ལས་ཅུང་ཟད་གྲགས་ཆེ་བ་དང་ཡིག་རིས་སུ་བཀོད་ཡོད་པ་འགའ་ནི་མཚོ་སྔོན་དཔོན་ཁག་དང་དཔའ་རིས་ཡུལ་དཔོན་འགའ་དང་། མགོ་ལོག་ཕྱོགས་ཀྱི་ཨ་སྐྱོང་ཁག་གསུམ། རེབ་གོང་ཕྱོགས་ཀྱི་རོང་བོ་ནང་སོ། ཀན་ལྷོ་ཕྱོགས་ཀྱི་ཅོ་ནེ་དཔོན་པོ་(卓尼土司杨积庆དང་དཔོན་ཁག་གཞན་པ། མཛོད་དགེ་ཕྱོགས་ཀྱི་མཛོད་དགེ་དཔོན་ཁག་རྣམས་དང་། རྔ་བ་ཕྱོགས་སུ་རྨེའུ་དང་དབལ་ཤུལ་དཔོན་ཁག་དང་། རྒྱལ་རོང་ཕྱོགས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་རྣམས་དང་། གཞན་དེང་སང་བོད་རིགས་མེད་པའི་ས་ཁུལ་ཤིང་ཀུན་དང་ཀ་ཆུ། སྟག་ལུང་། མེན་ཇུ་སོགས་སུའང་སྐབས་དེ་དག་ལ་བོད་རིགས་དཔོན་ཆེན་མང་པོ་བྱོན་ནས་ཡུལ་འདི་དག་གི་མི་སྡེ་བསྐྱངས་ཤིང་ཆོས་སྡེ་འདེབས་པ་སོགས་འཕྲིན་ལས་རྒྱ་ཆེན་པོ་སྤེལ་བ་ཡིན་ནོ། །

༼རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་བཤུས།༽

卓尼土司杨积庆.jpg

杨积庆(1889~1937),男,藏族,第19代卓尼土司,烈士,甘肃卓尼人。

1935中国工农红军到达甘南迭部俄界,当时甘肃军阀鲁大昌的新编十四师驻防岷县、甘南,卓尼土司杨积庆的两万藏兵也长年在此防守巡视。如果双方联合起来对红军进行夹击堵截,腊子口天险不仅不能顺利突破,而且将使红军的处境更加艰难。

当红军长征到甘川边界时,杨积庆就得到甘肃绥靖公署主任朱绍良电报,要他在沿迭部达拉沟一线各峡谷关口部署堵截红军,坚壁清野。协同鲁大昌的十四师将缺衣少粮、疲惫困乏的红军围歼于深山峡谷之中。此时,杨土司假意受命,虚张声势调兵遣将,将手下的二万藏兵分布各处。指示下迭部仑官杨景华:红军来了不要堵击,把破坏的达拉沟栈道、尼傲峡木桥修好,让红军通过。严饬群众不得向红军放冷枪,秘密与红军联系,粮食不必坚壁清野。杨景华接土司手令后,即刻召集迭部各旗总管、头人,按土司命令分派任务,由尼傲总管率部抢修达拉沟、尼傲峡栈道。由杨景华到崔谷仓与红军接头开仓放粮,给红军每人一斗粮(小斗,10市斤),支援红军粮食30多万斤。

党中央和红军在甘南藏区不仅没有受到阻击,而且得到了大批粮食、军鞋等物资补充,914日,主力红军和党中央机关到达迭部最大的佛教寺院旺藏寺。毛主席住在旺藏寺附近的次日那村阿尼家的二楼厢房里。藏区同胞从土司到百姓都为红军"打下腊子口,实现北上抗日"的战略方针提供了巨大而珍贵的支持。

1936年,当年红四方面军沿红一方面军线路进入甘南藏区后,杨土司仍然是让路护道、开仓放粮,使红四方面军顺利再克腊子口,在临潭建立了苏维埃政府。

当红军离开藏区后,杨土司又部署手下,收留、安置未能随大部队走的伤病员、小战士200余人,使其不遭国民党毒手。

杨积庆做的这一切,被国民党鲁大昌部所知,鲁大昌阴险诡诈,视杨土司为大患。密谋策划,派其心腹营长率队潜入杨土司住地博峪,利用土司内部矛盾,策动土司手下团长姬从周、方秉义叛变,将杨土司一家包围,杨土司等人挥枪抵抗,然而终是寡不敌众,与长子杨琨、长媳、孙女等7人倒在了国民党的枪口之下。这天是1937825日,卓尼县志史称:"博峪事变。"

杨土司和藏族民众和中国共产党、工农红军结下的深情厚谊彪炳史册,永励后人。

来源:https://baike.so.com/

 

 

 

楼主 2017/11/1 10:48:41  超级管理 编辑 删除
没有找到符合条件的信息

我要回复

该帖已关闭回复

承诺遵守文明发帖,国家相关法律法规