当前位置:首页甘南贴吧综合信息 སྟོན་པའི་རྣམ་ཐར་རགས་བསྡུས།

[综合信息]སྟོན་པའི་རྣམ་ཐར་རགས་བསྡུས།精华置顶

人气:8328 回复:0 赞(1)
འོད་ཐིག
初级1
版主
  • 帖子:2
  • 精华:0
  • 注册:2017-06-15

微信图片_20171031181110.png

སྟོན་པའི་རྣམ་ཐར་རགས་བསྡུས།

༡.ཐུགས་བསྐྱེད་པ།

༢.ཚོགས་བསགས་པ།

༣.མཛད་ཆེན་བཅུ་གཉིས་སོགས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པ།

  1. སྐུ་བལྟམས་པ།

  2. གྲོང་ཁྱེར་སེར་སྐྱའི་གཞིར་བྱོན་པ།

  3. ངེས་བར་འབྱུང་བ།

  4. དཀའ་བ་སྤྱད་ཚུལ།

    བསྟོད་པ་ལས། ཕ་རོལ་ཕྱིན་དྲུག་གྲངས་མེད་གསུམ་གྱི་ཚོགས། །དཔག་མེད་བསྐལ་བའི་སྔོན་ནས་རྫོགས་མཛད་ཀྱང་། །དཀའ་སྤྱད་ལས་ཀྱིས་རྣམ་གྲོལ་འཐོབ་བོ་ཞེས། །ལོ་དྲུག་དཀའ་བ་སྤྱད་ལ་ཕྱག་འཚལ་ལོ། །

  5. མངོན་པར་འཚང་རྒྱ་བའི་ཚུལ།

    བསྟོད་པ་ལས། རྡོ་རྗེ་གདན་གྱི་བྱང་ཆུབ་སྙིང་བོར་གཤེགས། །བདུད་སྡེ་དཔུང་ཚོགས་འཇོམས་པའི་ཆོ་འཕྲུལ་བཅས། །བླ་མེད་བྱང་ཆུབ་གོ་འཕང་བརྙེས་པའི་ཚུལ། །གླིང་འདིར་མངོན་སུམ་བསྟན་ལ་ཕྱག་འཚལ་ལོ། ། ཞེས་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས།

  6. ཆོས་ཀྱི་འཁོར་ལོ་དང་བོ་བསྐོར་བ།

    བསྟོད་པ་ལས། མི་མཇེད་བདག་པོ་ཚངས་པ་ཆེན་པོ་ཡིས། །རྩིབས་སྟོང་གསེར་གྱི་འཁོར་ལོ་ཕུལ་ཏེ་བསྐུལ། །ངོ་མཚར་རྨད་བྱུང་འཕགས་པའི་བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །ཞེས་ཡུལ་ཝ་ར་ཎཱ་སི་ནས་བདེན་པ་བཞིའི་ཆོས་འཁོར་བསྐོར།

  7. ཆོ་འཕྲུལ་ཆེན་པོ་བསྟན་པ།

    བསྟོད་པ་ལས། ཕན་བདེ་ཀུན་འབྱུང་འཇིགས་པ་ཀུན་ལས་སྐྱོར། །དམ་ཆོས་འདི་བ་ཉིད་ལས་གཞན་མེད་ཅེས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོ་འཕྲུལ་གྱི། །མཛད་ཆེན་ཡང་དག་བསྟན་ལ་ཕྱག་འཚལ་ལོ། །

  8. ལྷ་ལས་བབས་པ།

    བསྟོད་པ་ལས། སུམ་ཅུ་རྩ་གསུམ་གནས་སུ་དབྱར་གནས་མཛད། །སྐལ་ལྡན་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ། །སྨིན་དྲུག་ཅན་ལ་ཚངས་དབང་འཁོར་ཚོགས་བཅས། །སླར་ཡང་གླིང་འདིར་བྱོན་ལ་ཕྱག་འཚལ་ལོ། །

  9. ཆོས་ཀྱི་འཁོར་ལོ་གཉིས་པ་སྐོར་བ།

    བསྟོད་པ་ལས། ས་ཆེན་རབ་གཡོ་ལྟས་ཆེན་བཅོ་བརྒྱད་བཅས། །བྱ་རྒོད་ཕུང་བོའི་རི་བོར་རྒྱལ་བའི་ཡུམ། །ཟབ་དང་རྒྱ་ཆེ་ཕ་རོལ་ཕྱིན་པ་ཡི། །ཆོས་འཁོར་གཉིས་པ་སྐོར་ལ་ཕྱག་འཚལ་ལོ། །ཞེས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ།

  10. ཆོས་ཀྱི་འཁོར་ལོ་གསུམ་པ་སྐོར་བ།

    བསྟོད་པ་ལས། སླར་ཡང་གདུལ་བྱའི་ཁམས་དང་བསམ་པ་བཞིན། །དགོངས་པ་ངེས་འགྲེལ་ལང་གར་གཤེགས་པ་སོགས། །མཚན་ཉིན་ངོ་བོ་ཡོད་མེད་ལེགས་ཕྱེས་ཀྱི། །འཁོར་ལོ་གསུམ་པ་བསྐོར་ལ་ཕྱག་འཚལ་ལོ། །

  11. གསང་སྔགས་ཀྱི་རྒྱུད་གསུངས་པ།

    བསྟོད་པ་ལས། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང་། ནུབ་ཕྱོགས་ཨོོཊྚི་ཡཱ་ནའི་གླིང་སོགས་སུ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །རྒྱུད་ཆེན་རྣམ་བཞི་གསུང་ལ་ཕྱག་འཚལ་ལོ། །

  12. མྱ་ངན་ལས་འདའ་བའི་མཛད་པ་བསྟན་ཚུལ།

    བསྟོད་པ་ལས། རྩྭ་མཆོག་གྲོང་དུ་དངོས་ཀྱི་གདུལ་བྱའི་མཐའ། །རྫོགས་པར་མཛད་ཀྱང་སྲིད་པ་ཇི་སྲིད་བར། །རང་རང་སྐལ་བ་ཇི་བཞིན་སྤྲུལ་བའི་སྐུ། །རྒྱུན་མི་ཆད་དུ་འབྱོན་ལ་ཕྱག་འཚལ་ལོ། །

    ཡེ་ཤེས་རྒྱ་མཚོས་བརྩམས་པའི་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ཟིན་བྲིས་རགས་བསྡུས། 

楼主 2017/10/31 18:02:49  超级管理 编辑 删除
没有找到符合条件的信息

我要回复

该帖已关闭回复

承诺遵守文明发帖,国家相关法律法规