当前位置:首页甘南贴吧甘南州 འབྲོག་ཕྲུག་པར་ལེན་སྒྱུ་རྩལ་ལས་ཤག

[甘南州]འབྲོག་ཕྲུག་པར་ལེན་སྒྱུ་རྩལ་ལས་ཤག精华置顶

人气:9718 回复:0 赞(1)
甘南州信息网
初级1
版主
  • 帖子:20
  • 精华:10
  • 注册:2011-03-26

 牧童艺术摄影工作室

0.jpg

ཁྲོམ་རའི་དཔལ་འབྱོར་གྱི་འགྲོས་དང་བསྟུན་ནས། རྒྱལ་ཡོངས་ནས་ལས་ཞུགས་ཀྱི་ཚད་དམའ་རུ་ཕྱིན་ཞིང་། ཕྱོགས་ཡོངས་ནས་མི་བུའི་འཚོ་གནས་འཇོན་ཐང་སྔོག་འདོན་བྱེད་པའི་ཕྱོགས་སུ་བསྐྱོད་བཞིན་པའི་སྐབས་སུ། ང་ཚོ་སྔར་བཞིན་ཤི་འཐབ་རོ་འཐབ་ཀྱིས་གཞུང་ཞབས་ཀྱི་ལས་ཀར་འཚང་བ་ནི་བློ་མིག་ཤིན་ཏུ་དོག་པའི་སྐྱོན་དུ་ཅིའི་མི་མཐོང་།

འོ་ན་ད་རེས་ཁོ་བོས་ཁྱེད་ཅག་ལ་རང་རིགས་ཀྱི་པར་ལེན་སྒྱུ་རྩལ་གྱི་ཞབས་ཞུའི་ལས་གཞི་ཞིག་འོས་སྦྱོར་བྱས་ན་འདོད་སོང་། འདི་ནི་ཕ་ཡུལ་ཀླུ་ཆུའི་ན་གཞོན་ཞིག་གིས་རང་གི་དགའ་ཕྱོགས་དང་འཇོན་ནུས་ལ་ཨུ་ཚུགས་ཀྱིས་འཇུས་ནས་རང་གི་ཁྱིམ་གཞིས་སྐྱོང་བཞིན་རིགས་ཀྱི་བླ་སྲོག་སྲུང་བཞིན་པའི་རང་དབང་དང་དཔལ་ཡོན་གྱིས་ཕྱུག་པའི་ལས་ཀ་ཞིག་ཡིན།

འབྲོག་ཕྲུག་པར་ལེན་སྒྱུ་རྩལ་ལས་ཤག་གི་ལས་ཀའི་ཚད་གཞི་ངོ་སྤྲོད།

དང་བོ། པར་ལེན་པའི་ཚད་གཞི།

འབྲོག་ཕྲུག་པར་ལེན་སྒྱུ་རྩལ་ལས་ཤག་གི་པར་ལེན་པ་ནི། ཆུང་དུས་ནས་པར་ལེན་སྒྱུ་རྩལ་ལ་ལྷན་སྐྱེས་ཀྱི་མོས་པ་མཆིས་ཤིང་། དེའི་སྟེང་པར་ལེན་སྒྱུ་རྩལ་གྱི་ཆེད་ལས་དགེ་རྒན་ཁ་ཤས་ཡུན་གྱིས་བསྟེན་ནས་རང་ཉིད་ཀྱི་པར་ལེན་སྒྱུ་རྩལ་ལ་ཕྱར་བ་གྲུ་འདེགས་བྱས་འདུག་པས། པར་ལེན་པའི་སྐབས་སུ་ཁོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཚོར་བ་དེ་དང་སྐད་ཅིག་མའི་བརྙན་མིག་དེའི་ཆེད་དུ་དཀའ་ལས་ག་ཙམ་རྒྱག་དགོས་ཀྱང་སྒྱིད་ལུག་མི་བྱེད་པར་ཐབས་བརྒྱ་ཇུས་སྟོང་བྱ་གི་རེད། འོ་ན། སླད་མར་ང་ཚོས་གཞན་དག་ལ་གོ་བརྡ་འཕྲོད་མིན་གྱི་དཀའ་ལས་མྱང་མི་དགོས་པར་ཐད་ཀར་ཁོ་ལ་འབྲེལ་གཏུག་བྱས་ཆོག་ཆོག་རེད།

གཉིས་པ། པར་ཆས་ཀྱི་ཚད་གཞི།

ཁོས་རང་གི་པར་ལེན་གྱི་མཐར་ཐུག་གི་སྙེག་པ་དེའི་ཆེད་དུ། པར་ཆས་ཀྱི་བྱེད་ནུས་ཇེ་བཟང་དང་བརྙན་མིག་གི་རིམ་པ་ཇེ་མཐོར་བཏང་ནས་སྔར་ལས་ལྷག་པའི་པར་ཡག་པོ་ཞིག་ལེན་ཐུབ་པར་རང་ནུས་ཡོད་དགུ་འདོན་བཞིན་མཆིས། ང་ཚོས་ཁོ་རང་སྐྱུར་ཏེ་རྒྱ་མི་དག་ལ་རིན་གོང་མཐོན་པོ་བྱིན་ནས་མཐའ་མར་རང་གི་ཁྱད་ཆོས་ཀྱང་མེད་པའི་པར་ཞིག་ལེན་དགོས་དོན་ག་ལ་ཡོད། 

གསུམ་པ། ཞབས་ཞུའི་ཚད་གཞི།

ཁོའི་ལས་ཀ་ནི་འཛད་སྤྱོད་པ་རྣམས་ཀྱི་དགོས་མཁོ་ལྟར་ས་ཕྱོགས་ཀུན་ལ་འགྲོ་བ་དང་། འཛད་སྤྱོད་པའི་དགོས་མཁོ་སྐོང་ཅི་ཐུབ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གང་ནུས་བྱ་རྒྱུ་དེའོ།། དེ་བས་ཁོས་བར་དུ་པར་ཙམ་ལེན་ཐབས་དང་དུས་ཚོད་འགྲོ་ཐབས་སོགས་ཡེ་ནས་མི་བྱེད་པར་འཛད་སྤྱོད་པར་གང་འཕྲོད་གང་བདེ་བྱེད་ལ། རིན་གོང་ཡང་བལྟོས་བཅོས་ཀྱི་ཧ་ཅང་སླ་མོ་རེད།

མདོར་ན། སླད་མར་གཉེན་སྟོན་གྱི་བརྙན་དང་པར་ལེན་པ་དང་། དེ་མིན་གྱི་བརྙན་དང་པར་གང་ལེན་དགོས་ཀྱང་། ཁོ་ལ་འབྲེལ་གཏུགས་བྱོས་དང་། ཁྱོད་ཀྱི་འདོད་པ་སྐོང་ཅི་ཐུབ་བྱ་ངེས་རེད།

0.1.jpg

ཅེས་སྤྱི་ལོ་༢༠༡༧ལོའི་ཟླ་༩བའི་ཚེས་༢༠ཉིན

ཀླུ་ཆུའི་བོད་འབྲིང་གི་དགེ་མིང་བ་མགོ་ཚ་སྟག་ཐར་སྐྱབས་སམ་སྨྱུག་མིང་ལ་བདེན་འཚོལ་དུ་འབོད་པས་ཁོ་ལ་རྒྱབ་སྐྱོར་དང་ཀུན་ལ་ཁྱབ་བསྒྲགས་ཀྱི་ཕྱིར་དུ་བྲིས་པ་དགེ་གྱུར་ཅིག

楼主 2017/9/21 14:58:27  超级管理 编辑 删除
没有找到符合条件的信息

我要回复

该帖已关闭回复

承诺遵守文明发帖,国家相关法律法规