唃厮啰大酒店已认证企业会员企业高级会员

公司行业:

公司规模:

公司性质:

公司介绍

དེ་ཡང་བཀྲ་ཤིས་ལྷ་དར་ཞི་བདེའི་མགྲོན་ཁང་ནི་ཀན་ལྷོ་གཡང་ལྡན་ཕྱུག་མོའི་ལྟེ་བ་གཙོས་གྲོང་ཁྱེར་གྱི་ལྷོ་རྒྱུད་རྡོ་དཀར་ལམ་མཚམས་སུ་ཆགས་ཡོད་ལ། གསོལ་མགྲོན་ཁང་འདི་ནི་སྤྱི་ལོ༢༠༡༣ལོར་འཛུགས་སྐྲུན་གྱི་མགོ་ཚུགས་པ་དང་། སྤྱི་ལོ༢༠༡༦ལོའི་ཟླ་༦པར་དངོས་སུ་ཚོང་གཉེར་བྱས། མགྲོན་ཁང་འདིར་འཛུགས་སྐྲུན་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ༦༨༠༠ལྷག་ཟིན་འདུག་ཏེ། དེར་བོད་ལུགས་གཟིམ་ཤག༣༨དང་། གཟིམ་ཤག་དཀྱུས་མ༢༧བཅས་གཟིམ་ཤག་གི་རྣམ་པ་རིགས་དྲུག་འདུས་ཤིང་བསྡོམས་པས་གཟིམ་ཤག་༦༥ཡོད། དེར་མ་ཟད་ད་དུང་གསོལ་མགྲོན་ཁང་འདི་ནས་བོད་རྒྱ་ཕྱི་གསུམ་གྱི་བཟའ་བཏུང་བཅུད་དང་ལྡན་པ་རོ་བརྒྱའི་ཟས་མཆོག་ལོངས་སུ་སྤྱོད་ཐུབ་ལ། རླངས་འཁོར་འཇོག་ས་སྟབས་བདེ་ཞིང་ར་སྐོར་རྒྱ་ཆེ་བ་དང་། ཞབས་ཞུ་བ་ཚང་མ་བོད་རང་ས་ནས་བསྡུས་པ་ཡིན་ཏེ།ཞབས་ཞུའི་རྣམ་འགྱུར་ཧ་ཅང་ལེགས་པས་ཁྱོད་ཀྱིས་རང་ཁྱིམ་ལྟ་བུའི་དྲོད་ཁོལ་རྙེད་ཐུབ།

མགྲོན་ཁང་འདི་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་གནའ་བོའི་རྩིག་བཟོའི་སྒྱུ་རྩལ་དང་དེང་རབས་ཀྱི་སྔོན་ཐོན་བཟོ་ལས་གཉིས་ཟུང་དུ་སྦྲེལ་ནས་བསྐྲུན་པའི་བཟོ་བཀོད་ཆེན་པོ་ཞིག་ཡིན་ཏེ། བོད་རང་གི་འཛུགས་སྐྲུན་གྱི་ཁྱད་ཆོས་ལྷུན་གྱིས་མངོན་ཡོད་ལ། ལྷག་པར་དུ་བཀྲ་ཤིས་ལྷ་དར་ཞི་བདེའི་མགྲོན་ཁང་གིས་སྤུས་ཚད་དང་པོ་དང་གྲུབ་འབྲས་དང་པོའི་དམིགས་ཚད་གཙོར་བཟུང་ཞིང་། ཚོང་དཔོན་དང་དོ་དམ་མི་སྣས་མི་ཆོས་གཙིགས་འཛིན་གྱིས་མཐུན་སྒྲིལ་མཉམ་ལེན་དང་།བདེ་འཇགས་དོ་དམ་། ཁོར་ཡུག་གཙང་སྦྲ་སོགས་ཕྱོགས་གང་ཐད་ལ་མཐོང་ཆེན་དང་ཤུགས་སྣོན་བྱས་ཏེ། མགྲོན་ཁང་ཁྱད་ཆོས་ཅན་དང་ཁྲོམ་ར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག གཙོས་གྲོང་ཁྱེར་གཙོ་བྱས་ཏེ་བོད་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་དང་དཔལ་འབྱོར་འཛུགས་སྐྲུན་གྱི་ཐད་ལ་ཡང་ཕན་ནུས་བླ་མེད་ཅིག་བསྐྲུན་དང་སྐྲུན་བཞིན་མཆིས་པས། ཁྱེད་རྒྱལ་ཁབ་ཕྱི་ནང་ཀུན་གྱི་སྐུ་མགྲོན་དག་གིས་ངེད་གསོལ་མགྲོན་ཁང་ལ་དུས་རྟག་ཏུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་མཁྱེན་མཁྱེན།།

ངེད་བཀྲ་ཤིས་ལྷ་དར་ཞི་བདེའི་མགྲོན་ཁང་གིས་ལོ་རེ་ནས་ལོ་རེ་བཞིན་མགྲོན་ཁང་གི་ཕྱོགས་གང་ཐད་ནས་ཇེ་བཟང་ཇེ་ལེགས། ཇེ་རྒྱས་སུ་གཏོང་ཇི་ཐུབ་བྱེད་ཀྱིན་ཡོད་ལ། ཉེ་ཆར་ཡང་ངེད་མགྲོན་ཁང་གིས་ལས་མི་སྐོར་ཞིག་བསྡུ་རྩིས་ཡོད་པས། ཁྱེད་དགོས་མཁོ་ཡོད་པའི་མི་སྣ་དག་གིས་འོག་གི་འབྲེལ་གཏུག་ཁ་པར་ལ་འབྲེལ་གཏུག་བྱེད་རོགས།

联系方式

公司地址:合作市多河路当周街公交公司北侧

  • 交通
  • 商业
  • 教育
  • 医疗

    注:请在邮件中注明应聘职位的名称或编号,并注明该招聘信息来源于甘南州信息网。

    分享到: